察雅县人民政府

政府信息公开

察雅县关于规范2026年春节藏历年期间烟花爆竹燃放管理的公告

发布时间: 2026-02-14   浏览次数:   【字体:

2026年马年春节将至,烟花爆竹作为传统民俗符号,承载着大家对新春的美好期盼,但违规燃放易引发火灾事故、加剧大气污染、产生噪声干扰,危害公共安全和人民群众生命财产安全。根据《中华人民共和国安全生产法》《中华人民共和国大气污染防治法》《烟花爆竹安全管理条例》等法律法规,结合我县实际,现就春节、藏历年期间烟花爆竹燃放管理有关事项公告如下:

一、燃放区域

县城主城区烟花爆竹集中燃放点设置在察雅县澜沧江广场(大广场),其他区域全时段禁止燃放。各乡(镇)自行划定集中燃放区域。

二、燃放时间

控制燃放区域允许燃放时间为2026年2月15日至25日,其他时间禁止燃放烟花爆竹。2月16日(除夕)19:00—00:00为全县欢度佳节集中燃放时间。

三、禁止燃放区域(全年全域禁放)

人员密集重点场所:党政机关办公区、学校(幼儿园)、医院、养老机构、大型商场超市、农贸市场、汽车站、城市广场、公共文体场馆等区域;

安全防护重点区域:加油站、液化气站、易燃易爆物品储存经营点、输变电设施、通讯基站等消防安全重点单位及周边100米安全距离范围内,粮棉木材等物资集中仓库周边区域;

生态与公共设施区域:山林林地、公共绿地、苗圃、饮用水源保护区,以及河边护栏、健身器材、地下管网等公共设施周边;

城市居住重点区域:居民小区楼道、阳台、楼顶、地下车库及高层建筑周边,文物保护单位、历史文化街区范围内;

法律法规规定禁止燃放烟花爆竹的其他场所和区域。

、严格规范燃放行为及品类

燃放品类限制:个人仅可燃放符合《烟花爆竹安全与质量》(GB10631—2013)规定的C级、D级个人燃放类产品,严禁购买、燃放A级、B级专业燃放类产品(如礼花弹、大型组合烟花等),以及拉炮、摔炮、砸炮等含高敏感药物的违禁烟花爆竹,严禁燃放孔明灯(许愿灯)等无定向飞行的升空类烟花产品;规范燃放操作:燃放前须仔细阅读燃放说明,不得向人群、车辆、建筑物、绿地、窨井等抛掷点燃的烟花爆竹,燃放后须及时清理燃放废弃物,熄灭余烬,消除火灾隐患;特殊人群看护:未成年人燃放烟花爆竹须由监护人全程陪同,严禁无民事行为能力人独自燃放,切实履行监护责任。

、明确相关法律责任

在禁放时段、禁放区域燃放烟花爆竹,或燃放方式危害公共安全和人身、财产安全的,由公安机关依据《烟花爆竹安全管理条例》第四十二条规定,责令停止燃放,并处100元以上500元以下罚款;构成违反治安管理行为的,依法给予治安处罚;涉嫌犯罪的,依法追究刑事责任;非法生产、销售、储存、运输烟花爆竹的,由相关部门依法予以查处,没收非法物品及违法所得,并处相应罚款;涉嫌犯罪的,依法追究刑事责任;因违规燃放烟花爆竹引发火灾、爆炸等安全事故,造成人身伤亡、财产损失的,由燃放行为人(或其监护人)依法承担全部民事赔偿责任,涉嫌犯罪的,依法追究刑事责任;阻碍执法人员依法查处涉烟花爆竹违规违法行为的,由公安机关依照《中华人民共和国治安管理处罚法》从严处罚。

六、倡导文明践行,强化监督举报

倡导广大市民自觉摒弃违规燃放陋习,树立“安全燃放、文明燃放”理念,主动向家人、亲友宣传禁限放规定,带动身边人共同遵守。鼓励市民积极参与监督,发现违规燃放、非法生产销售储存运输烟花爆竹等行为,可拨打以下举报电话:

违规燃放举报:4602007(公安机关);

非法储存、销售举报:4602350(应急管理局);

火灾报警:119(消防救援部门)。

2026年马年春节,让我们自觉遵守烟花爆竹燃放管理规定,以文明之举守护共同家园,用实际行动营造安全、文明、舒心、环保的节日氛围,共同度过一个平安喜乐、吉祥如意的佳节!

本公告自发布之日起施行,有效期至2026年2月25日。

特此公告。



察雅县人民政府

 2026年2月13日


2026ལོའི་རྟ་ལོའི་དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་འདིར་ཤོག་སྦག་ཚོན་ཁྲ་ཅན་དེ་སྲོལ་རྒྱུན་གྱི་དམངས་སྲོལ་མཚོན་རྟགས་ཤིག་ཡིན་པའི་ངོས་ནས་ཚང་མས་དཔྱིད་གསར་དུས་ཆེན་ལ་སྤྲོ་སྣང་གི་རེ་སྒུག་བྱེད་པ་དང་འབྲེལ་ཡོད་མོད།འོན་ཀྱང་སྒྲིག་འགལ་ངང་ཤོག་སྦག་རྒྱག་ཚེ་མེ་སྐྱོན་གྱི་ལས་འཛོལ་ཐོན་སླ་བ་དང་།རླུང་ཁམས་ཆེ་མོའི་སྦགས་བཙོག་ཆེ་རུ་འགྲོ་བ།འཛེར་སྒྲས་འགལ་རྐྱེན་བཟོ་བ་བཅས་བྱས་ནས་སྤྱི་པའི་བདེ་འཇགས་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་གནོད་འཚེ་གཏོང་གི་ཡོད།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམསདངཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས》《ཤོག་སྦག་གི་བདེ་འཇགས་དོ་དམ་སྲོལ་ཡིགསོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་རང་རྫོང་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ད་ལྟ་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་ཤོག་སྦག་སྤོར་བའི་དོ་དམ་གྱི་འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་བྱེད་རྒྱུ་གཤམ་གསལ

གཅིག།  ཤོག་སྦག་སྤར་བའི་ས་ཁོངས། 

རྫོང་གྲོང་གི་གྲོང་ཁུལ་གཙོ་བོར་གཅིག་སྡུད་ཀྱི་ཤོག་སྦགསྤོར་ཡུལ་ནི་བྲག་གཡབ་རྫོང་ཟླ་ཆུའི་ཐང་ཆེན་(ཐང་ཆེན་ཆེ་བ)དུ་བཀོད་སྒྲིག་བྱས་ཡོད་པས་ས་ཁོངས་གཞན་དག་ཏུ་དུས་མཚམས་ཡོངས་སུ་སྤོར་མི་ཆོག།ཤང(གྲོང་རྡལ)ཁག་སོ་སོས་སྟབས་བསྟུན་གཅིག་སྡུད་ཐོག་ཤོག་སྦག་སྤར་ཡུལ་བཀོད་སྒྲིག་བྱ་དགོས

གཉིས།  ཤོག་སྦག་རྒྱག་བའི་དུས་ཚོད། 

སྤོར་རྒྱུར་ཚོད་འཛིན་བྱེད་པའི་ས་ཁོངས་སུ་སྤོར་ཆོག་པའི་དུས་ཚོད་ནི་2026ལོའི་ཟླ་2ཚེས་15ཉིན་ནས་ཚེས་25ཉིན་བར་ཡིན་པ་དང་དུས་ཚོད་གཞན་དག་ནང་ཤོག་སྦག་སྤོར་མི་ཆོག།ཟླ་2ཚེས་16ཉིན(གནམ་གང)གྱི་ཆུ་ཚོད་19:00ནས་00:00བར་རྫོང་ཡོངས་སུ་ལོ་གསར་དགའ་གཏོང་བྱེད་པའི་སྐབས་དེར་གཅིག་སྡུད་ཀྱིས་ཤོག་སྦག་རྒྱག་ཆོག་བའི་དུས་ཚོད་ཡིན

གསུམ།  ཤོག་སྦག་སྤར་མི་ཆོག་པའི་ས་ཁོངས་སུ་(ལོ་ཧྲིལ་པོར་ཤོག་སྦག་སྤར་མི་ཆོག)

མི་སྣ་འདུ་འཛོམས་ཆེ་བའི་གཙོ་གནད་ཁུལ།ཏང་སྲིད་ལས་ཁུངས་ཀྱི་གཞུང་ལས་ཁུལ་དང་།སློབ་གྲྭ(བུ་བཅོལ་ཁང)སྨན་ཁང་།རྒན་གསོ་ལས་ཁུངསཚོང་ར་དང་སྒོ་རྩིས་ཚོང་ཁང་ཆེ་གྲས།ཞིང་ཞོར་ཉོ་ཚོང་ཁྲོམ་ར།རླངས་འཁོར་འབབ་ཚུགས།གྲོང་ཁྱེར་གྱི་ཐང་ཆེན།སྤྱི་པའི་རིག་གནས་ལུས་རྩལ་ཁང་སོགས་ཀྱི་ས་ཁོངས།

བདེ་འཇགས་འགོག་སྲུང་གི་གཙོ་གནད་ས་ཁོངས་ནི་སྣུམ་སྣོན་ས་ཚིགས་དང་།གཤེར་འགྱུར་རླངས་པའི་ས་ཚིགས།འབར་སླ་བ་དང་གས་སླ་བའི་དངོས་རྫས་གསོག་ཉར་ལས་གཉེར་ས་ཚིགས།གློག་སྐྱེལ་གློག་སྒྱུར་སྒྲིག་བཀོད།འཕྲིན་གཏོང་སྦྲེལ་ཚུགས་སོགས་མེ་ཟོན་བདེ་འཇགས་ཀྱི་གཙོ་གནད་ཚན་པ་དང་དེ་བཞིན་མཐའ་འཁོར་གྱི་སྨི་100ཡི་བདེ་འཇགས་བར་ཐག་ཁྱབ་ཁོངས་སུ།  ད་དུང་འབྲུ་རིགས་དང་།སྲིང་བལ།ཤིང་ཆ་སོགས་དངོས་ཟོག་གཅིག་སྡུད་མཛོད་ཁང་གི་མཐའ་འཁོར་ས་ཁོངས་ཡིན་པ་རེད།

སྐྱེ་ཁམས་དང་སྤྱི་པའི་སྒྲིག་ཆས་ས་ཁོངས།རི་དང་ནགས་ཚལ།སྤྱི་པའི་སྤང་ལྗོངས།སྡོང་ཕྲུག་ར་བ།འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ཁུལ།དེ་བཞིན་ཆུ་འགྲམ་སྲུང་རག་དང་།ལུས་སྦྱོང་ཡོ་བྱད།ས་འོག་སྦུག་དྲ་སོགས་སྤྱི་པའི་སྒྲིག་བཀོད་ཀྱི་མཐའ་འཁོར།

གྲོང་ཁྱེར་གྱི་སྡོད་གནས་གཙོ་གནད་ས་ཁོངས།གྲོང་མིའི་ཁུལ་ཆུང་གི་བར་ཁྱམས་དང་།ཉི་གཡབ།ཐོག་ཁང་།ས་འོག་རླངས་འཁོར་འཇོག་ཁང་།ཆེས་མཐོ་བའི་བཟོ་སྐྲུན་དངོས་པོའི་ཉེ་འཁོར་དང་།རིག་དངོས་སྲུང་སྐྱོང་ལས་ཁུངསལོ་རྒྱུས་དང་རིག་གནས་ཁྲོམ་ཁུལ་བཅས་ཀྱི་ཁྱབ་ཁོངས་སུབཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་ཡོད་པའི་ཤོག་སྦག་སྤར་རྒྱུ་ནན་འགོག་བྱེད་འིས་ཁོངས་གཞན་དག་བཅས་ཡིན།

བཞི། འབྲེལ་ཡོད་བཅའ་ཁྲིམས་ཀྱི་འགན་འཁྲི་ཁ་གསལ་བཟོས་པ། 

ཤོག་སྦག་སྤར་མི་ཆོག་པའི་དུས་ཚོད་ནང་ཤོག་སྦག་སྤར་རྒྱུའི་ནན་འགོག་བྱེད་འིས་ཁོངས་སུ་ཚོན་ཁྲ་ཅན་གྱི་ཤོག་སྦག་སྤོར་བའམ་ཡང་ན་སྤོར་སྟངས་ཀྱིས་སྤྱི་པའི་བདེ་འཇགས་དང་།མི་ལུས།རྒྱུ་ནོར་བཅས་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བར་སྤྱི་བདེ་ལས་ཁུངས་ཀྱིསཚོན་ཁྲ་ཅན་གྱི་ཤོག་སྦག་བདེ་འཇགས་དོ་དམ་སྲོལ་ཡིགགི་དོན་ཚན་ཞེ་གཉིས་པའི་གཏན་འབེབས་གཞིར་བཟུང་།ཤོག་སྦག་སྤོར་མཚམས་འཇོག་རྒྱུའི་བཀའ་གཏོང་རྒྱུ་དང་འབྲེལ་སྒོར་100ཡན་ནས་500མན་གྱི་དངུལ་ཆད་འགེལ་རྒྱུ།བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་ལ་ཁྲིམས་ལྟར་བདེ་འཇགས་ཐད་ཀྱི་ཆད་པ་གཅོད་རྒྱུ།ཉེས་གསོག་གི་དོགས་གཞི་ཡོད་རིགས་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།ཁྲིམས་འགལ་ངང་ཤོག་སྦག་ཐོན་སྐྱེད་དང་།ཕྱིར་ཚོང་།གསོག་ཉར།སྐྱེལ་འདྲེན་བཅས་བྱེད་པར་འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་པ་དང་ཁྲིམས་འགལ་གྱི་དངོས་པོ་དང་དེ་བཞིན་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་བ་དང་འབྲེལ་དེ་མཚུངས་ཀྱི་དངུལ་ཆད་གཅོད་རྒྱུ།ཉེས་གསོག་གི་དོགས་གཞི་ཡོད་རིགས་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།སྒྲིག་འགལ་ངང་ཤོག་སྦག་སྤར་ནས་མེ་སྐྱོན་དང་འབར་གས་སོགས་ཀྱི་བདེ་འཇགས་ལས་འཛོལ་ཐོན་ནས་མི་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཕོག་ཚེ།ཤོག་སྦག་སྤོར་མཁན(ཡང་ན་དེའི་ལྟ་སྐྱོང་པས)གྱིས་ཁྲིམས་ལྟར་དམངས་དོན་གུན་གསབ་ཀྱི་འགན་འཁྲི་ཚང་མ་འཁུར་དགོས་པ་དང་ཉེས་གསོག་གི་དོགས་པ་ཡོད་ཚེ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས།ཁྲིམས་འཛིན་མི་སྣས་ཁྲིམས་ལྟར་ཤོག་སྦག་ཚོན་ཁྲ་ཅན་དང་འབྲེལ་བ་ཡོད་པའི་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་བྱེད་པར་སྤྱི་བདེ་ལས་ཁུངས་ཀྱིསཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམསགཞིར་བཟུང་ཆད་པ་ནན་པོ་གཅོད་རྒྱུ།

དྲུག།སྲོལ་བཟང་ལག་ལེན་དར་སྤེལ་བྱས་ནས་ལྟ་སྐུལ་དང་ཐེར་འདོན་བྱེད་ཤུགས་ཆེ་རུ་གཏོང་དགོས

རྒྱ་ཆེའི་གྲོང་དམངས་ཚོས་རང་རྟོགས་ངང་སྒྲིག་འགལ་གྱིས་ཤོག་སྦག་སྤོར་བའི་སྲོལ་ངན་དོར་ནསབདེ་འཇགས་ངང་སྤོར་བ་དང་ཡ་རབས་ངང་སྤོར་བའིའདུ་ཤེས་འཛུགས་པ་དང་། ནང་མི་དང་གཉེན་ཉེ་ཚོར་ཤོག་སྦག་སྤར་བའི་སྐོར་གྱི་བཀག་རྒྱའི་གཏན་འབེབས་དག་རང་འགུལ་ངང་དྲིལ་བསྒྲགས་བྱས་ཏེ་ཉེ་འགྲམ་གྱི་མི་ཚོས་ཐུན་མོང་ཐོག་བརྩི་སྲུང་ཞུ་རྒྱུར་སྐུལ་སློང་གཏོང་དགོས།གྲོང་མི་རྣམས་ལྟ་སྐུལ་ནང་ཧུར་ཐག་སྒོ་ནས་ཞུགས་རྒྱུའི་སྐུལ་མ་བཏང་ནས་སྒྲིག་འགལ་ངང་ཤོག་སྦག་སྤོར་བ་དང་ཁྲིམས་འགལ་ངང་ཤོག་སྦག་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་པ། ཉར་ཚགས་དང་དབོར་འདྲེན་སོགས་བྱེད་པའི་བྱེད་སྤྱོད་ཐོན་ཚེ་གཤམ་གསལ་གྱི་ཐེར་འདོན་ཁ་པར་རྒྱག་ཆོག་པ་སྟེ། 

སྒྲིག་འགལ་ངང་ཤོག་སྦག་སྤར་བའི་གནས་ཚུལ་འཕྲད་ཚེ། ཐེར་འདོན་བྱེད་སའི་ཁ་པར་ཨང་གྲངས་ནི་4602007  (སྤྱི་བདེ་ལས་ཁུངས)

ཁྲིམས་དང་མི་མཐུན་པར་གསོག་ཉར་དང་ཕྱིར་འཚོང་བྱས་པའི་རིགས་ཐེར་འདོན་གོང་ཞུ་བྱེད་སའི་ཁ་པར་ཨང་གྲངས   4602350(འཕྲལ་བསྟུན་དོ་དམ་ཅུ)

མེ་སྐྱོན་ཉེན་བརྡ། 119   (མེ་ཟོན་རོགས་སྐྱོབ་ལས་ཁུངས)

2026ལོའི་རྟ་ལོའི་དཔྱིད་གསར་དུས་ཆེན་རིང་ང་ཚོས་རང་རྟོགས་ངང་ཤོག་སྦག་སྤོར་བའི་དོ་དམ་གྱི་གཏན་འབེབས་ལ་བརྩི་སྲུང་ཞུས་ཏེ་ཡ་རབས་ཀྱི་བྱ་ཐབས་ལ་བརྟེན་ནས་ཐུན་མོང་གི་ཁྱིམ་གཞིས་སྲུང་སྐྱོང་བྱེད་པ་དང་བྱ་སྤྱོད་ངོ་མའི་ཐོག་ནས་བདེ་འཇགས་དང་།ཤེས་དཔལ།བློ་བདེ།ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་ལོ་གསར་རྣམ་པ་ཞིག་བཏོད་དེ་དུས་བདེ་སྤྲོ་ལྡན་དང་བཀྲ་ཤིས་བདེ་ལེགས་ཀྱི་ལོ་གསར་པ་ཞིག་མཉམ་དུ་གཏོང་དགོས

སྤྱི་བསྒྲགས་འདི་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་དང་གོ་ཆོད་པའི་དུས་ཡུན་ནི་2026ལོའི་ཟླ་2ཚེས་25ཉིན་བར་ཡིན་པ།

དེ་དོན་ཆེད་དུ་སྤྱི་བསྒྲགས།



 བྲག་གཡབ་རྫོང་མི་དམངས་སྲིད་གཞུང་།

 2026ལོའི་ཟླ་2ཚེས་13ཉིན

附件下载:
相关链接: